分部 导航

2020青海玉树治多县公安局公开招聘巡防(辅警)大队人员公告(40人)

2020青海玉树治多县公安局公开招聘巡防(辅警)大队人员公告(40人)

为加强治多县公安队伍建设,缓解警力不足的实际现状,根据《青海省公安机关警务辅助人员管理办法》(青政办[2016]167号),《青海省公安机关警务辅助人员使用管理办法》(青公通[2017]14号)有关规定,现将治多县公安局2020年度公开招聘警务辅助人员有关事项公告如下:

一、招聘人数

治多县公安局共计招聘巡防(辅警)大队人员40人,其中男性36名,女性4名。

二、招聘范围和条件

1、具有中华人民共和国国籍;

2、拥护中华人民共和国宪法,拥护中国共产党、热爱祖国,具有维护社会治安稳定,敢于同违法犯罪行为作斗争的勇敢精神,品行端正,热爱公安事业,无违法犯罪行为,无不良嗜好,具有履行职责的工作能力;

3、本次招聘岗位面向治多县户籍,应聘巡防(辅警)大队人员,学历大学专科以上,录用后无条件服从分配;

4、所有报考人员年龄要求为18周岁至30周岁之间(1990年9月20日以后出生--2002年9月20日以前出生),男性,身高要求1.70CM以上,女性,身高要求1.65CM以上

5、应聘人员具有正常履行职责所需的身体素质和工作能力,无重大疾病及传染性疾病,身体无纹身。

三、有以下情形之一的人员,不得招聘为辅警:

(1)受刑事处罚或者涉嫌违法犯罪尚未查清的;

(2)曾因违法行为,被给予限制人身自由的治安行政处罚的;

(3)有较为严重的个人不良信用记录;

(4)因违纪违规被开除、辞退、解聘的人员;

(5)本人家庭成员或者近亲属被判处死刑或者正在服刑的;

(6)其他不适合从事警务辅助工作的情形。

四、招聘程序

招聘工作按照现场报名、资格审查(政审)、笔试、面试、体能测试、公示、聘用等程序依次进行。

1、报名和资格审查(报名和资格审查实行现场报名、现场资格审查的方式进行)。

(1)报名时间:2020年9月23日12时至9月24日18时,报考者达不到报考资格条件要求的不予报名。资格审查将贯穿考录工作全过程,在任何一个环节发现不符合条件者,取消本次聘用资格。

(2)报名地点:治多县公安局一楼办公室。报名所需材料本人有效身份证、户籍证明、学历证书以及报考职位资格条件所需有关材料的原件及复印件各一份、近期小二寸彩色免冠照片4张、治多县公安局招聘辅警员报名审查表。注:考生提供的信息和材料必须真实有效,凡不提交或提供虚假证明材料的,取消本次聘用资格;考生按照《治多县公安局招聘巡防(辅警)大队人员报名审查表》的表格要求在户籍所在地派出所进行资格初审,初审合格后进行体表检查,体表检查中发现考生面部身体有纹身或身高不达标取消本次聘用资格。

2、笔试。笔试内容分为公共基础知识和公安基础知识,分值为100分,笔试成绩占考试总成绩70%,保留2位小数。笔试由治多县公安局组织进行。笔试时间暂拟定为2020年9月25日,具体考试时间地点以准考证为准,逾期或无故不参加笔试者,视为自动放弃。考生须凭本人有效居民身份证、准考证参加考试。

3、面试 、体能测试.参照《公安机关录用人民警察体能测评项目和标准》按照笔试成绩从高至低排序1:3进行体能测试。如遇体能测试不合格者,按照笔试成绩排名递补一次。通过体能测试人员参加由治多县公安局组织的面试,面试采取结构化面试的方法进行,面试成绩占考试总成绩30%,保留2位小数。治多县人社、公安局根据职位需求,按照总成绩由高到低排序确定进入体检人员,成绩并列考生以公安基础知识考试成绩为高者优先进入。

4、公示、办理聘用手续。根据笔试、体能测试、面试、体检、政审结果,确定拟聘用人员,并在一定范围内进行公示,公示期为3天。经公示无异议人员,由治多县公安局依法签订《劳动合同》办理相关入职手续。

五、薪酬待遇 辅警薪酬待遇按照《关于下达全省公安机关警务辅助人员用人额度及最低薪酬标准的通知》;《治多县公安局关于辅警分类定级及工资待遇实施方案》治公字[2020]106号文件执行,最低薪酬1500元,之后按级晋升。

六、需说明的事项

(一)报考年龄、学历等各类事项的时间截止日期为本次报名工作第一日。

(二)优先政策。在同等条件下,退役士兵(复转军人)、警察类或政法类院校毕业生、具有用人单位所需专业资质且取得相应资格证书的人员优先考虑。

咨询、监督电话及地址:

报名座机号:

报名手机:、

地 址:治多县治渠街39号

འབྲི་སྟོད་རྫོང་སྤྱི་བདེ་ཅུའུ་ཡིས2020ལོར་ཉེན་དོན་གཞོགས་འདེེགས་མི་སྣ་བསྡུ་བའི་

སྤྱི་བསྒྲགས།

འབྲི་སྟོད་རྫོང་སྤྱི་བདེ་རུ་ཁག་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཉེན་རྟོག་ནུས་པ་མི་འདང་བའི་དོན་དངོས་གནས་ཚུལ་ཇེ་ལེགས་སུ་གཏོང་ཆེད། 《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་གཞོགས་འདེགས་མི་སྣའི་དོ་དམ་བྱ་ཐབས》(ཆིང་ཀྲེན་པན། [2016] ཨང་རྟགས167) དང《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་གཞོགས་འདེགས་མི་སྣའི་བེད་སྤྱོད་དོ་དམ་བྱ་ཐབས》(ཆིང་གུང་ཐུང་། [2017]ཨང་རྟགས14ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ད་ལྟ་འབྲི་སྟོད་རྫོང་སྤྱི་བདེ་ཅུའུ་ཡིས2020ལོར་ཉེན་དོན་གཞོགས་འདེེགས་མི་སྣ་བསྡུ་བའི་འབྲེལ་ཡོད་སྤྱི་བསྒྲགས་ཀྱི་ནང་དོན་གཤམ་གསལ་ལྟར།

གཅིག ལས་མིའི་བསྡུ་ཚད།

འབྲི་སྟོད་རྫོང་སྤྱི་བདེ་ཅུའུ་ཡིས་ཁྱོན་བསྡོམས་ཉེན་དོན་གཞོགས་འདེགས་མི་སྣ་40་བསྡུ་རྒྱུ་རེད། དེའི་ནང་དུ་ཕོ་36་མོ་4་བསྡུ་རྒྱུ་ཡིན།

གཉིས། ལས་མི་བསྡུ་བའི་ཁྱབ་ཁོངས་དང་ཆ་རྐྱེན།

1.རྒྱལ་ཁོངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་དགོས་པ།

2.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བརྩི་སྲུང་བྱ་དགོས་ཞིང་། ཀྲུང་གོ་གུང་ཁྲན་ཏང་ལ་བརྩི་མཐོང་དང་མེས་རྒྱལ་ལ་དགའ་ཞེན་བྱ་དགོས། སྤྱི་ཚོགས་བདེ་འཇགས་སྲ་བརྟན་ཡོང་བར་སྲུང་སྐྱོང་དང་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་འཐབ་རྩོད་བགྱི་ཕོད་པའི་དཔའ་ངར་གྱི་སྙིང་སྟོབས་དགོས། བསམ་སྤྱོད་ཚུལ་མཐུན་དང་སྤྱི་བདེའི་ལས་དོན་ལ་དགའ་ཞེན་དགོས། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་དང་དགའ་ཕྱོགས་ངན་པ་ཡོད་མི་རུང་། ལས་འགན་བསྒྲུབ་པའི་ལས་སྒྲུབ་ནུས་པ་ཡོད་དགོས།

3.ཐེངས་འདིའི་ཉེན་དོན་གཞོགས་འདེགས་མི་སྣའི་ལས་གནས་ལ་རྒྱུགས་སྤྲོད་པར་ཐེམ་ཐོ་འབྲི་སྟོད་རྫོང་ཁོངས་ནས་ཡིན་དགོས། ཡོན་ཚད་སློབ་ཆེན་ནམ་ཆེད་སྦྱོང་གི་ཡན་ཡིན་དགོས། རྩིས་འཁོར་བེད་སྤྱོད་གཏོང་བ་སོགས་ཀྱི་ནུས་པར་བྱང་དགོས། ལས་མིར་བསྡུས་རྗེས་བཀོད་སྒྲིག་ཅི་བྱས་ངེས་པར་དང་དུ་ལེན་དགོས།

4.མིང་ཐོ་འགོད་མཁན་ཚང་མའི་ལོ་གྲངས18ནས30བར་ཡིན་དགོས། (1990ལོའི་ཟླ9པའི་ཚེས20ནས2002ལོའི་ཟླ9པའི་ཚེས20བར) ཕོའི་གཟུགས་པོའི་རིང་ཚད 1.70CMཡི་ཡན་ཡིན་དགོས། མོའི་གཟུགས་པོའི་རིང་ཚད 1.65CMཡི་ཡན་ཡིན་དགོས།

5.རྒྱུགས་སྤྲོད་མཁན་ལ་རྒྱུན་ལྡན་ངང་ལས་འགན་སྒྲུབ་པར་འཚམ་པའི་ལུས་ཕུང་གི་སྤུས་ཚད་དང་ལས་སྒྲུབ་ནུས་པ་དགོས། ནད་ལྕི་མོ་དང་འགོས་ནད་རིགས་ཡོད་མི་རུང་། ལུས་སྟེང་དུ་བརྐོས་རིས་ཡོད་མི་རུང་།

གསུམ། གཤམ་གསལ་གནས་ཚུལ་ཁག་ལས་གང་རུང་ཡོད་མཁན་གྱི་མི་རྣམས་ཉེན་དོན་གཞོགས་འདེགས་མི་སྣར་བསྡུ་མི་ཆོག

(1) ཉེས་དོན་ཆད་པ་བཅད་ཡོད་པའམ་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཡོད་པའི་དོགས་པ་ད་ལྟ་སེལ་མེད་པའི་མི།

(2)སྔོན་ཆད་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་པས་མི་ལུས་རང་དབང་ལ་ཚོད་འཛིན་བྱས་པའི་བདེ་འཇགས་སྲིད་འཛིན་ཆད་པ་བཅད་ཡོད་པའི་མི།

(3)མི་སྒེར་གྱི་ཡིད་རྟོན་མི་བཟང་བའི་ཟིན་ཐོ་ཅུང་ཚབས་ཆེན་ཡོད་པའི་མི།

(4)སྒྲིག་ལམ་དང་སྒྲིག་ཁྲིམས་ལ་འགལ་ནས་ཕྱིར་ཕུད་པ་དང་ལས་གནས་ནས་ཕྱིར་སློག་པ། ལས་མཚམས་བཞག་པའི་མི།

(5)རང་གི་ཁྱིམ་མིའམ་ཉེ་མི་ལ་སྲོག་ཁྲིམས་བཅད་པའམ་ཁྲིམས་ཆད་འཁུར་བཞིན་པའི་མི།

(6)གཞན་ཉེན་དོན་གཞོགས་འདེགས་ལས་ཀ་བསྒྲུབ་པར་མི་འཚམ་པའི་གནས་ཚུལ།

བཞི། ལས་མི་བསྡུ་བའི་གོ་རིམ།

ལས་མི་བསྡུ་བའི་ལས་ཀ་ནི། ཡུལ་དངོས་ནས་མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར། (ལུས་ངོས་ཞིབ་བཤེར་སོགས་འདུ། )ཡིག་རྒྱུགས་དང་ངོ་རྒྱུགས། ལུས་སྟོབས་ཚད་ལེན་དང་གཟུགས་པོ་བརྟག་དཔྱད། ཆབ་སྲིད་ཞིབ་བཤེར། སྤྱི་བསྒྲགས་དང་ལས་ཀར་འཇུག་པ་བཅས་ཀྱི་གོ་རིམ་ལྟར་ལག་བསྟར་བྱ་རྒྱུ་ཡིན།

1.མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར།

མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་ནི་ཡུལ་དངོས་ཀྱི་རྣམ་པའི་ཐོག་ནས་སྤེལ་རྒྱུ་ཡིན།

(1)མིང་ཐོ་འགོད་པའི་དུས་ཚོད། 2020ལོའི་ཟླ9པའི་ཚེས23ཉིན་གྱི་ཆུ་ཚོད12པའི་སྟེང་ནས་ཟླ9པའི་ཚེས24 ཉིན་གྱི་ཆུ་ཚོད18ཀྱི་བར་ཡིན།

མིང་ཐོ་འགོད་མཁན་ལ་མིང་ཐོ་འགོད་པའི་ཐོབ་ཐང་དང་ཆ་རྐྱེན་མ་འདང་ཚེ་མིང་ཐོ་འགོད་མི་ཆོག ཐོབ་ཐང་ཞིབ་བཤེར་ནི་རྒྱུགས་ལེན་དང་ལས་ཞུགས་ཀྱི་གོ་རིམ་ཧྲིལ་བོར་བརྒྱུད་དགོས་པས། གོ་རིམ་གང་རུང་དུ་ཆ་རྐྱེན་དང་མི་འཚམ་པ་ཡོད་ཚེ་ཐེངས་འདིའི་ལས་མིར་བསྡུ་རྒྱུའི་ཐོབ་ཐང་མེད།

(2)མིང་ཐོ་འགོད་ཡུལ། འབྲི་སྟོད་རྫོང་སྤྱི་བདེ་ཅུའུ་ཡི་གཅིག་ཐོག་གི་གཞུང་ལས་ཁང་།

མིང་ཐོ་འགོད་པར་མཁོ་བའི་དཔྱད་གཞིའི་ཡིག་རིགས་ལ་རང་ཉིད་ཀྱི་གོ་ཆོད་ཐོབ་ཐང་ལག་འཁྱེར་དང་ཐེམ་ཐོའི་དཔང་ཡིག ཡོན་ཚད་ལག་འཁྱེར་བཅས་དང་།དེ་བཞིན་ལས་གནས་ཐོ་འགོད་ཀྱི་ཐོབ་ཐང་ཆ་རྐྱེན་ལ་མཁོ་བའི་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ཀྱི་མ་ཡིག་དང་དཔར་མ་རེ། ཉེ་དུས་ཀྱི་ཚུན་གཉིས་ཀྱི་ཚོན་ཁྲ་ཅན་གྱི་ཞྭ་མེད་པའི་འདྲ་པར་བཞི། འབྲི་སྟོད་རྫོང་སྤྱི་བདེ་ཅུའུ་ཡི་ཉེན་དོན་གཞོགས་འདེགས་མི་སྣ་བསྡུ་བར་མིང་ཐོ་འགོད་པའི་ཞིབ་བཤེར་རེའུ་མིག་བཅས་དགོས།རྒྱུགས་སྤྲོད་མཁན་གྱིས་མཁོ་འདོན་བྱས་པའི་ཆ་འཕྲིན་དང་རྒྱུ་ཆ་ངེས་པར་དུ་བདེན་པ་དང་ནུས་ལྡན་ཡིན་དགོས་ཤིང་། བདེན་དཔང་ཡི་གེ་རྫུན་མ་སྤྲོད་པའམ་མཁོ་འདོན་བྱས་ཚེ་ད་ཐེངས་ཀྱི་ལས་ཞུགས་ཐོབ་ཐང་མེད་པར་བཟོ་རྒྱུ། རྒྱུགས་སྤྲོད་མཁན་གྱིས་《འབྲི་སྟོད་རྫོང་སྤྱི་བདེ་ཅུའུ་ཡི་ཉེན་དོན་གཞོགས་འདེགས་མི་སྣ་བསྡུ་བར་མིང་ཐོ་འགོད་པའི་ཞིབ་བཤེར་རེའུ་མིག》གི་རེའུ་མིག་རེ་བ་ལྟར་ཐེམ་ཐོ་གནས་སའི་མངགས་གཏོང་ཁང་དུ་ཐོབ་ཐང་སྔོན་བཤེར་བྱེད་དགོས་པ་དང་། སྔོན་བཤེར་ཚད་ལོན་རྗེས་གཟུགས་པོར་བརྟག་དཔྱད་བྱེད་དགོས། གཟུགས་པོར་བརྟག་དཔྱད་བྱེད་སྐབས་རྒྱུགས་སྤྲོད་མཁན་གྱི་ངོ་གདོང་དང་ལུས་སྟེང་དུ་ལ་རི་མོ་བརྐོས་ཡོད་པའམ་ཡང་ན་གཟུགས་པོའི་རིང་ཚད་མ་ལོན་ཚེ་ད་ཐེངས་ཀྱི་ལས་ཞུགས་ཐོབ་ཐང་མེད་པར་བཟོ་རྒྱུ་རེད།

2.ཡིག་རྒྱུགས། ཡིག་རྒྱུགས་ཀྱི་ནང་དོན་དེ་སྤྱི་པའི་རྨང་གཞིའི་ཤེས་བྱ་དང་སྤྱི་བདེའི་རྨང་གཞིའི་ཤེས་བྱ་གཉིས་སུ་བཀར་ཡོད། སྤྱིའི་བསྡོམས་སྐར་ནི་100ཡིན། ཡིག་རྒྱུགས་སྐར་གྲངས་ཀྱིས་རྒྱུགས་སྤྱིའི་སྐར་གྲངས་ཀྱི70%ཟིན་ཡོད་པ་དང་།ཚེག་གཉིས་སོར་འཇོག་བྱ་རྒྱུ། ཡིག་རྒྱུགས་ནི་འབྲི་སྟོད་རྫོང་སྤྱི་བདེ་ཅུའུ་ཡིས་སྒྲིག་འཛུགས་བྱ་རྒྱུ། ཡིག་རྒྱུགས་ལེན་པའི་དུས་ཚོད་ནི་ཕལ་ཆེར2020ལོའི་ཟླ9པའི་ཚེས25ཉིན་ལ་གཏན་འཁེལ་བྱས་ཡོད།ཞིབ་ཕྲའི་ཡིག་རྒྱུགས་ལེན་པའི་དུས་ཚོད་དང་ས་གནས་ནི་རྒྱུགས་སྤྲོད་ལག་འཁྱེར་ཚད་གཞིར་འཛིན་རྒྱུ་དང་དུས་ཚོད་ཡོལ་བའམ་ཡང་ན་རྒྱུ་མཚན་མེད་པར་ཡིག་རྒྱུགས་ནང་ཞུགས་མེད་ཚེ་རང་འགུལ་ངང་གློད་པར་བརྩི་རྒྱུ། རྒྱུགས་སྤྲོད་མཁན་གྱིས་ངེས་པར་དུ་རང་ཉིད་ཀྱི་གོ་ཆོད་སྡོད་དམངས་ཐོབ་ཐང་ལག་འཁྱེར་དང་རྒྱུགས་སྤྲོད་ལག་འཁྱེར་ལ་བརྟེན་ནས་ཡིག་རྒྱུགས་ནང་ཞུགས་དགོས།

3.ལུས་སྟོབས་ཚོད་ལེན་དང་ངོ་རྒྱུགས་།《སྤྱི་བདེ་ལས་ཁུངས་ཀྱིས་བསྡུས་པའི་མི་དམངས་ཉེན་རྟོག་པའི་ལུས་སྟོབས་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་རྣམ་གྲངས་དང་ཚད་གཞི》ལ་གཞིགས་ནས་ཡིག་ཐོག་རྒྱུགས་ལེན་གྱི་སྦྱངས་འབྲས་དེ་མཐོ་ནས་དམའ་རུ་རིམ་པར1:3ལྟར་ལུས་སྟོབས་ཚད་ལེན་ཚོད་ལྟ་བྱེད་དགོས། གལ་ཏེ་ལུས་སྟོབས་ཚད་ལེན་ཚོད་ལྟ་བྱས་ནས་ཚད་མ་ལོན་ཚེ་ཡིག་རྒྱུགས་ཀྱི་སྐར་གྲངས་ལྟར་ཨང་རིམ་གསབ་དགོས། ལུས་སྟོབས་ཚད་ལེན་ཀྱི་ཚད་ལོན་པའི་མི་སྣ་འབྲི་སྟོད་རྫོང་སྤྱི་བདེ་ཅུའུ་ཡིས་སྒྲིག་འཛུགས་བྱས་པའི་ངོ་རྒྱུགས་ནང་ཞུགས་རྒྱུ་དང་། ངོ་རྒྱུགས་དེ་གྲུབ་ཆའི་རང་བཞིན་གྱི་ངོ་རྒྱུགས་བྱ་ཐབས་ལ་བརྟེན་ནས་ལེན་རྒྱུ་དང་། ངོ་རྒྱུགས་ཀྱི་སྐར་གྲངས་ཀྱིས་རྒྱུགས་སྤྱིའི་སྐར་གྲངས་ཀྱི30%ཟིན་པ་དང་སྐར་གྲངས་ལ་ཚེག་གཉིས་སོར་འཇོག་བྱ་རྒྱུ་རེད། འབྲི་སྟོད་རྫོང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་དང་སྤྱི་བདེ་ཅུས་ཀྱིས་ལས་གནས་ཀྱི་དགོས་མཁོར་གཞིགས་ནས་སྤྱིའི་རྒྱུགས་འབྲས་མཐོ་བ་ནས་དམའ་བའི་རིམ་པ་ལྟར་གཟུགས་པོར་བརྟག་དཔྱད་བྱེད་པར་ཞུགས་རྒྱུ་གཏན་འཁེལ་བྱ་རྒྱུ་དང་། རྒྱུགས་འབྲས་འདྲ་བའི་རྒྱུགས་སྤྲོད་མཁན་ལ་སྤྱི་བདེའི་རྨང་གཞིའི་ཤེས་བྱའི་ཡིག་རྒྱུགས་ཀྱི་རྒྱུགས་འབྲས་མཐོ་མཁན་དེ་ཞུགས་ཆོག་པ་ཡིན།

4.གཟུགས་པོར་བརྟག་དཔྱད་བྱེད་པར།《གཞུང་ལས་བསྡུ་བའི་གཟུགས་པོར་་བརྟག་དཔྱད་ཀྱི་ཡོངས་སྤྱོད་ཚད་གཞི་ཚོད་ལྟའི་ལག་བསྟར)》དང《གཞུང་ལས་པ་བསྡུ་བའི་་གཟུགས་པོར་བརྟག་དཔྱད་བྱེད་པའི་དམིགས་བསལ་ཚད་གཞི་ཚོད་ལྟའི་ལག་བསྟར》གཞིར་བཟུང་ལས་ཞུགས་མི་སྣར་གཟུགས་པོར་བརྟག་དཔྱད་བྱེད་དགོས། གཟུགས་པོར་བརྟག་དཔྱད་ཀྱི་འགྲོ་སོང་དེ་རྒྱུགས་སྤྲོད་སློབ་མ་རང་གིས་སྤྲོད་དགོས། གཟུགས་པོར་བརྟག་དཔྱད་ཀྱི་གོ་རིམ་ཁྲོད་ཚད་མ་ལོན་པ་ཡོད་ཚེ་ལས་ཞུགས་ཐོབ་ཐང་མེད་པར་བཟོ་རྒྱུ་མ་ཟད་སྤྱིའི་རྒྱུགས་འབྲས་ལ་ཁ་གསབ་ཐེངས་གཅིག་བྱེད་དགོས།

5.ལས་ཞུགས་སྤྱི་བསྒྲགས་དང་འགྲོ་ལུགས་བསྒྲུབ་པ། ཡིག་རྒྱུགས་དང་ལུས་སྟོབས་ཚད་ལེན། ངོ་རྒྱུགས་དང་གཟུགས་པོར་བརྟག་དཔྱད། ཆབ་སྲིད་ཞིབ་བཤེར་གྱི་མཇུག་འབྲས་བཅས་གཞིར་བཟུང་ལས་ཞུགས་མི་སྣ་གཏན་འཁེལ་བྱ་རྒྱུ་མ་ཟད། ཁྱབ་ཁོངས་ངེས་ཅན་ཁྲོད་སྤྱི་བསྒྲགས་བྱ་རྒྱུ་ཡིན། སྤྱི་བསྒྲགས་བྱ་ཡུན་ནི་ཉིན་གསུམ་ཡིན། སྤྱི་བསྒྲགས་བརྒྱུད་བསམ་འཆར་ཡོད་མཁན་མེད་ཚེ། འབྲི་སྟོད་རྫོང་སྤྱི་བདེ་ཅུའུ་ཡིས་ཁྲིམས་ལྟར《ངལ་རྩོལ་གན་རྒྱ》བཀོད་དེ་འབྲེལ་ཡོད་ཀྱི་ལས་ཞུགས་འགྲོ་ལུགས་བསྒྲུབ་རྒྱུའོ། །

བདུན། གླ་ཕོགས་ཀྱི་གནས་ཚུལ།

ཉེན་དོན་གཞོགས་འདེགས་པའི་གླ་ཕོགས་ནི《ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་གཞོགས་འདེགས་མི་སྣའི་མི་སྤྱོད་དངུལ་འབོར་དང་དེ་བཞིན་མ་མཐའི་གླ་ཕོགས་ཚད་གཞི་གཤམ་སྤྲོད་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དང《འབྲི་སྟོད་རྫོང་སྤྱི་བདེ་ཅུའུ་ཡི་ཉེན་རྟོག་གཞོགས་འདེགས་རིགས་དབྱེ་གཏན་འཁེལ་དང་གླ་ཕོགས་ཐོབ་ཐང་ལག་བསྟར་ཇུས་གཞི》ཞེས་པའི་གཞུང་ཡིག[2020]ཨང་རྟགས་106པའི་ཡིག་ཆ་ལག་བསྟར་བྱས་པ་གཞིར་བཟུང་། ཆེས་དམའ་བའི་གླ་ཕོགས་སྒོར1500ཡིན་པ་དང་དེའི་རྗེས་རིམ་པ་བཞིན་འཕར་ཡོང་།

བརྒྱད། གསལ་བཤད་ཞུ་དགོས་པའི་གནད།

(གཅིག)མིང་ཐོ་འགོད་པའི་ལོ་ཚོད་དང་ཡོན་ཚད་སོགས་ཀྱི་དུས་ཚོད་ཀྱི་ཚད་བཀག་ནི་ཐེངས་འདིའི་མིང་ཐོ་འགོད་པའི་ཉིན་དང་པོའི་བར་ཡིན།

(གཉིས) སྔོན་ཐོབ་སྲིད་ཇུས། ཆ་རྐྱེན་གཅིག་འདྲའི་གནས་ཚུལ་འོག དམག་ཞབས་ལས་གྲོལ་བའི་མི(དམག་ལོག་དམག་མི)དང་ཉེན་རྟོག་གམ་སྲིད་ཁྲིམས་རིགས་ཀྱི་སློབ་ཆེན་ནས་མཐར་ཕྱིན་པའི་སློབ་མ།ལས་མི་བཀོལ་བའི་ལས་ཁུངས་ལ་མཁོ་བའི་ཆེད་ལས་ནུས་པ་ཡོད་པ་མ་ཟད་དེ་འབྲེལ་གྱི་ཐོབ་ཐང་དཔང་ཡིག་བླངས་ཡོད་པའི་མི་སྣ་བཅས་ལ་སྔོན་ཐོབ་བསམ་གཞིག་བྱ་རྒྱུ།

བཀའ་འདྲི་དང་ལྟ་སྐུལ་ཞུ་ཡུལ་གྱི་ཁ་པར་དང་ས་གནས།

འབྲི་སྟོད་རྫོང་སྤྱི་བདེ་ཅུའུ་གཞུང་ལས་ཁང།

འབྲི་སྟོད་རྫོང་སྤྱི་བདེ་ཅུའུ་སྒྲིག་བཤེར་ཁང་།

ས་གནས། འབྲི་སྟོད་རྫོང་འབྲི་ཆུའི་ལམ་གྱི་ཨང་རྟགས39པ།

原标题:招贤纳士丨治多县公安局2020年度公开招聘巡防(辅警)大队人员公告(藏汉双语)

文章来源:https://mp.weixin.qq.com/s/NnqbaEpGW7cVlOsit7r2MA